མཚོ་གླིང་མཁར

མཚོ་གླིང་མཁར

gewog img
མཚོ་གླིང་མཁར

མཚོ་གླིང་མཁར་རྒེད་འོག་འདི་ རྩི་རང་རྫོང་ཁག་གི་མངའ་འོག་ལུ་ རྫོང་ཁག་གི་ཉེ་འདབས་ཀྱི་རྒེད་འོག་ཚུ་གི་གྲས་ལས་གཅིག་ཨིན། རྒེད་འོག་དེ་ རྫོང་ཁག་བདག་སྐྱོང་ལས་ ཀི་ལོ་མི་ཊར་ ༨ ཀྱི་ས་ཁོངས་ནང་ཆགས་ཡོདཔ་ཨིན། རྩིས་རང་རྫོང་ཁག་མངའ་འོག་གི་རྒེད་འོག་གཞན་ཚུ་དང་ཕྱདཔ་ད་ མཚོ་གླིང་མཁར་རྒེད་འོག་དེ་ གོང་འཕེལ་འགྱོ་ཡོད་པའི་རྒེད་འོག་གཅིག་འབད་སླབ་སྲོལ་ཡོད་མི་དེ་ཡང་ རྒེད་འོག་ནང་འཁོད་ལུ་ གཞུང་ལམ་ཡོད་མི་དེ་གིས་ སྤྱི་འོག་ ༣ མཐུད་ཡོདཔ་ལས་ མི་སེར་ལུ་ཚོང་འབྲེལ་གྱི་གོ་སྐབས་སྤྲོད་ཚུགས་ཏེ་ཡོད། གློག་མེ་གི་ཁྱབ་ཚད་ བརྒྱ་ཆ་ ༡༠༠ ར་ཡོདཔ་དང་ བི་མོ་བའིལ་དང་བཀྲིས་སེལ་གྱི་ཁྱབ་ཚད་ཡང་ སྤྱི་འོག་ ༥ འི་ནང་ མི་རློབས་ཧ་ལམ་ ༣༠༠༠ དང་ཁྱིམ་གུང་ ༣༥༣ ལུ་ཁྱབ་ཡོདཔ་ཨིན།