མི་རྩིས།
འཆར་སྣང།
ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་ཀྱི་འཆར་སྣང་འདི་ འབྲུག་རྒྱལ་ཁབ་ཀྱི་མི་སེར་ལུ་ ཞི་བའི་ཐོ་བཀོད་དང་མི་རྩིས་འབྲེལ་བའི་ ཞབས་ཏོག་ཚུ་གནས་ཚད་་དང་སྤུས་ཚད་ཡོདཔ་སྦེ་ཕུལ་ནི་ཨིན།
དམིགས་སྐྱེད།
-
མི་ཁུངས་ག་ར་དང་ དམིགས་གསལ་སྡོད་ཆོག་པའི་གནང་བ་ཡོད་མི་ཚུ་གི་ ངེས་བདེན་གནས་སྡུད་ཚུ་ གཏན་འབེབས་འབད་དེ་བདག་འཛིན་འཐབ་ནི་ཨིན།
-
མི་ཁུངས་ལག་འཁྱེར་དང་། དམིགས་གསལ་སྡོད་ཆོག་པའི་གནང་བ། གཞན་ཡང་མི་ཁུངས་ཀྱི་ཡིག་རིགས་སྤྲོད་ནིའི་ལམ་ལུགས་ཚུ་ འཇམ་ཏོང་ཏོ་བཟོ་ཏེ་རྒྱ་སྐྱེད་གཏང་ནི།་
-
བརྡ་དོན་འཕྲུལ་རིག་མང་ཤོས་ལག་ལེན་འཐབ་ཐོག་ལས་ མི་དམང་ཞབས་ཏོག་ཚུ་ ལེགས་བཅོས་འབད་དེ་ཞབས་ཏོག་ཕུལ་ནི།
-
མི་འབོར་ཞིབ་རྩིས་གནས་སྡུད་ཚུ་ཆ་ཚང་ རྒྱུན་སྐྱོང་འབད་དེ་ འཕྲུལ་སྤྱོད་རིམ་ལུགས་ཐོག་ལས་འཐོབ་ཚུགསཔ་བཟོ་ནི།