མི་སྟོབས་སྡེ་ཚན།

མི་སྟོབས་སྡེ་ཚན།

མི་སྟོབས་སྡེ་ཚན།

འཆར་སྣང་།

 རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འགྲུབ་ཐབས་ལུ་ གཞུང་སྐྱོང་ལེགས་ལྡན་ཡར་དྲག་གཏང་ནི་ལུ་སྒྱུར་འབྲས་ཅན་དང་ ཁྱད་རིག་ལྡན་པའི་ ཞི་གཡོགཔ།

དམིགས་སྐྱེད།

  • རང་དབང་དང་ སྲིད་ལས་ཐ་དད་ཀྱི་ཞི་གཡོགཔ་ མི་དམངས་ལས་འགན་དང་ཞབས་ཏོགས་ཚུ་ འཇོན་ཐང་ཅན་དང་། དྭངས་གསལ་ཅན། འགན་འཁྲི་ཅན་གྱི་ཐོག་ལས་ཕུལ་ནི།

  • ཞི་གཡོགཔ་ཚུ་གིས་ ཁྱད་རིག་གི་ཞབས་ཏོགས་ཚུ་ གཞི་རྩ་དང་དྲང་བདེན་གྱི་ལྟ་བ་ལས་མ་འགལ་བར་ཕུལ་དགོ།

  • ཞི་གཡོག་ནང་སྡོད་རིང་ལུ་ གསར་བཙུགས་དང་། བསྐོ་བཞག། བགོ་བཀྲམ། སྦྱོང་བརྡར། གནས་གསོར། གོ་གནས་ཡར་སེང་ཚུ་གི་སྐབས་ལུ་  གཅིག་མཚུངས་ཀྱི་ལམ་ལུགས་ལུ་གནས་དགོ།

  • ཞི་གཡོགཔ་གི་གྱངས་ཁ་ ཉུང་སུ་དང་། ཁྱད་ནུས་ཅན། འཇོན་ཐང་ཅན། གཟེངས་ཐོན་ཅན་བཟོ་ནི་ལུ་འཕྲོ་མཐུད་དེ་ར་རྒྱུན་སྐྱོང་འབད་དགོ། 

  • མི་སྟོབས་གོང་འཕེལ་གྱི་ལས་རིམ་ཐོག་ལས་ ཞི་གཡོགཔ་གི་ལྕོགས་གྲུབ་ཡར་དྲག་བཟོ་ནི།

  • ཞི་གཡོགཔ་ག་ར་གི་ ལས་བྱེདཔ་གནས་ཚུལ་ཚུ་དུས་འཐུན་བཟོ་ནི།

  • ཞི་གཡོགཔ་ཐོ་བཀོད་གཙུག་སྡེའི་དམིགས་དོན་ཚུ་འགྲུབ་ནི།