ཆོས་དང་ལམ་སྲོལ།
འཆར་སྣང་།
རྫོང་ཁག་འདི་ དཔལ་འབྱོར་གྱི་ནུས་ཤུགས་ཡོདཔ་དང་། ལམ་སྲོལ་བཟང་པོ་དང་ཡང་ལྡན་པའི་ཁར་ རྫས་མེད་ལོ་ཐོག་ལུ་གཙོ་བོར་སྟོན་པའི་ ཞི་བདེ་དང་ཤེས་ཡོན་ཅན་གྱི་མི་སྡེ་ རང་བཞིན་གནས་སྟངས་ཀྱི་མཛེས་ཆ་ལྡན་ཏོག་ཏོ་ཡོད་མི་ཅིག་ཨིན།
དམིགས་སྐྱེད།
༡. སྤུས་ཚད་ལྡན་པའི་གཞི་རྟེན་མཐུན་རྐྱེན་གོང་འཕེལ་དང་ཟས་བཅུད་ཡར་དྲག་གཏང་ནི་དང་། འཚོ་བའི་སྲུང་སྐྱོབ་ཡར་སྐྱེད་གཏང་ནི། རང་བཞིན་གནས་སྟངས་ཚུ་འཛིན་སྐྱོང་འཐབ་ཐོག་ལས་ ཡུན་བརྟན་མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི།
༢. འཇོན་ཐང་ཅན་དང་ དོན་སྨིན་ཅན་གྱི་ཐོག་ལས་ མི་དམངས་ཞབས་ཏོགས་ཕུལ་ནི།
༣. ལམ་སྲོལ་ རྒྱུན་སྐྱོང་དང་ གོང་འཕེལ་གཏང་ནི།
དམིགས་ཡུལ།
ལམ་སྲོལ་རྒྱུན་སྐྱོང་དང་གོང་འཕེལ་གཏང་ནི།