པ་ཚལ་གླིང་

པ་ཚལ་གླིང་

gewog img
པ་ཚལ་གླིང་

པ་ཚལ་གླིང་རྒེད་འོག་འདི་ རྫོང་ཁག་ལྟེ་བ་ལས་ནུབ་ཕྱོགས་ཁ་ཐུག་ ཀི་ལོ་མི་ཊར་ ༡༠ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། དེ་ཡང་ སའི་རྒྱ་ཚད་ ཀི་ལོ་མི་ཊར་ ༡༧༠.༩ གྲུ་བཞི་ཡོདཔ་ལས་རྒེད་འོག་སྦོམ་ཤོས་ཅིག་ཨིན། པ་ཚལ་གླིང་སྟོད། པ་ཚལ་གླིང་སྨད། མཐའ་འཁོར་གླིང་། ཆུ་འཛོམས་ས། སྤང་ཐང་ཚུའི་ནང་ཁྱིམ་གུང་ ༢༧༧ དང་གུང་སྟོང་ ༧༨ ། ཕོ་ ༡༢༤༩ དང་མོ་ ༡༢༥༦ བཅས་མི་རློབས་ཡོངས་སྡོམས་ ༢༥༠༥ ཡོདཔ་ཨིན། རྒེད་འོག་དེ་གི་སའི་མཐོ་ཚད་རྒྱ་མཚོའི་ཚད་ལས་ མི་ཊར་ ༦༠༠ ལས་ ༡༩༠༠ དེ་ཅིག་ས་ཁར་ཡོདཔ་ཨིན། ཤེས་རིག་འདི་ སློབ་གྲྭ་ཆུང་བ་དང་གཞི་རྟེན་ཤེས་ཡོན་གྱིས་བྱིནམ་ཨིན། དེ་བཟུམ་སྦེ་ གསོ་བའི་ཞབས་ཏོག་ཚུ་ཡང་ གཞི་རྟེན་གསོ་བའི་སྨན་ཁང་དང་། མནྜལ་སྒང་ལུ་ཡོད་པའི་གྲོང་གསེབ་སྨན་ཁང་། དཀྱིལ་འཁོར་ཐང་ལུ་ཡོད་པའི་འགྲམ་ཕུག་སྨན་ཁང་ཚུ་ལས་ལེནམ་ཨིན། ཁྱིམ་གུང་བརྒྱ་ཆ་ ༨༥ ལུ་འཐུང་ཆུ་གཙང་ཏོག་ཏོ་བཀྲམ་སྤེལ་མཐུན་རྐྱེན་ཐོབ་སྟེ་ཡོདཔ་ཨིན། དབང་འདུས་གསར་སྤང་གཞུང་ལམ་གྱིས་ རྒེད་འོག་གི་ ཤར་ནུབ་ཁ་ཐུག་ལུ་མཐུད་འབྲེལ་འབད་དེ་ གཡུས་ཚན་གཅིག་ལས་གཡུས་གཞན་ནང་ སོ་ནམ་ཞིང་ལམ་མཐུད་ཚུགས་ཏེ་ཡོད། རྒེད་འོག་སྟོད་ཁ་ཐུག་ལུ་ སོ་ནམ་གྱི་དོན་ལུ་ཁྱབ་ཆེཝ་སྦེ་ཟ་སྤྱོད་འབད་བའི་སྐམ་ཞིང་ཚུའི་ནང་ གེ་ཟ་དང་། ཀར། པད་ཀར་ཚུ་འཚོ་དོ་ཡོདཔ་དང་། རྒེད་འོག་སྨད་ཁ་ཐུག་ལུ་ ཆུ་ཞིང་མང་ཤོས་ཡོདཔ་ལས་ ལོ་ཐོག་གཙོ་བོ་བྱཱར་དང་ཀར་ཚུ་འཚོཝ་ཨིན། རྒེད་འོག་ནང་ལུ་ ཨ་ལཱན་ཅི་འདི་དངུལ་ཐོག་གཙོ་བོ་ཅིག་ཨིན་པའི་ཁར་ ཁྱིམ་གུང་མང་ཤོས་ཅིག་གིས་རང་ སྒོ་ནོར་དང་། བྱ། སྦྱངམ་ཚུ་གསོ་སྐྱོང་འབདཝ་ཨིན།