སེམས་གསོ་འཆར་གཞི། ༢༠༡༨།
རྩི་རང་རྫོག་ཁག་བདག་སྐྱོང་།
གཞི་དོན།
རྫོང་ཁག་བདག་སྐྱོང་གིས་ སྐྱིད་སྡུག་འདི་གསོ་བ་དང་སྲུང་སྐྱོབ་བཟུམ་སྦེ་ཁག་ཆེཝ་སྦེ་ཆ་བཞག་སྟེ་ སེམས་གསོ་འཆར་གཞི་ཟེར་འགོ་བརྩམས་གནང་མི་འདི་ རྫོང་ཁག་དང་ཁྲོམ་སྡེའི་གཞི་གཡོགཔ་ཚུ་གིས་ ད་ལྟོ་ཡོད་པའི་སེམས་གསོ་ལག་ལེན་འདི་བསྐྱར་ཞིབ་འབད་ཡོདཔ་ཨིན། སྤྱི་ཚེས་༢༡/༠༨/༢༠༡༨ ལས་ བཅའ་ཁྲིམས་འདི་ སེམས་གསོའི་འཆར་གཞི་ཟེར་ཆ་གནས་འབད་མི་འདི་གཤམ་གསལ་ལྟར།
དོན་ཚན ༡ པ། དགོས་པ།
སེམས་གསོའི་འཆར་གཞི་འདི་ ཞི་གཡོགཔ་ལཱ་གཡོག་གི་ས་ཁོངས་ནང་ཡོད་མི་དང་ཡང་ན་ཤེས་ཡོན་ལྷབ་པར་འགྱོ་མི་གང་རུང་ཅིག་ལུ་ ཤི་རྐྱེན་འབྱུང་པའི་སྐབས་ཀྱི་ཐོབ་ལམ་ཚུ་ཡང་གཤམ་གསལ་ལྟར།
༡. འཐུས་མི་ཁོ་ར་/མོ ཡང་ན།
༢. འཐུས་མི་གི་གཉེན་གྲོགས། ཡང་ན་
༣. ཤི་རྐྱེན་འབྱུང་བའི་སྐབས་ལུ་སྐྱེས་ལོ་གཅིག་ཡན་ཆད་ལང་མི་འཐུས་མི་གི་ཨ་ལུ། ཡང་ན
༤. འཐུས་མི་གི་ཕམ། ཡང་ན།
༥. གཉེན་གྲོགས་ཀྱི་ཕམ།
གལ་སྲིད་ ཞི་གཡོགཔ་ཅིག་ཡུན་ཐུང་དང་ཡུན་རིང་གང་རུང་གི་དམིགས་བསལ་གྱི་ངལ་གསོའི་ནང་ཨིན་པ་ཅིན་ སེམས་གསོའི་འཆར་གཞིའི་འཐུས་མིའི་གྲངས་སུ་མི་ཚུད། ཨིན་རུང་ སྒྲིག་གཡོག་ནང་ལོག་འཛུལ་ཞུགས་འབད་ཞིནམ་ལས་ རང་འཇགས་སྦེ་བརྩིས་ཏེ་ ཁེ་ཕན་འདི་ཚུ་འཐོབ་ལམ་ཡོད།
དོན་ཚན་ ༢ པ། འཐུས་མི།
རྫོང་དང་ཁྲོམ་སྡེའི་ཡིག་ཚང་ནང་ལཱ་འབད་མི་ ཞི་གཡོགཔ་ག་ར་འཐུས་མི་ཨིན། འཐུས་མི་གི་ཐོ་བཀོད་དེ་ཡང་གསར་སྐོས་བཀའ་རྒྱ་དང་འཁྲིལ་ཏེ་བརྩི་འཇོག་འབད་དགོ།
རྒེད་འོག་དང་། གཞི་རྟེན་གསོ་བའི་སྨན་ཁང་། སྨན་ཁང་། གཞན་ཡང་རང་སོའི་ས་ཁོངས་སོ་སོའི་ནང་ལཱ་འབད་མི་ཞི་གཡོགཔ་ཚུ་ སེམས་གསོའི་འཆར་གཞི་འདི་གི་འཐུས་མིའི་གྲངས་སུ་མི་ཚུད།
གལ་སྲིད་འཐུས་མི་ཅིག་ གནས་སོར། དགོངས་ཕོག། དགོངས་ཞུ། རྩ་སྐྲད་གང་རུང་ཅིག་འགྱོ་བ་ཅིན་ དེའི་ཉིན་མ་ལས་ མི་ངོ་དེའི་ འཐུས་མིའི་ཆ་འཇོག་གནས་ཡུན་ཆ་མེད་གཏང་དགོ།
མི་ངོམ་འདི་ཧེ་མ་ལས་ དེ་བཟུམ་མའི་འཆར་གཞི་གི་འཐུས་མི་ཨིན་པ་ཅིན་ འཐོབ་ལམ་ཚུ་སེམས་གསོའི་འཆར་གཞི་འདིའི་ནང་ལས་འཐོབ་དགོ།
དོན་ཚན་༣པ། སེམས་གསོའི་འཛུལ་ཞུགས།
དོན་ཚན་ ༢ པ་ལུ་མ་ལྟོས་པར་ རྫོང་ཁག་བདག་སྐྱོང་དང་ཁྲོམ་སྡེའི་ཞི་གཡོགཔ་ག་ར་ འོག་གི་འཆར་གཞི་དབྱེ་ཁག་ནང་ཚུད་དགོ།
༡. དབྱེ་ཁག་ ཀ་པ། འཐུས་མི་ཤི་རྐྱེན་བྱུང་བའི་སྐབས།
གལ་སྲིད་འཆར་གཞི་འདིའི་ནང་གི་འཐུས་མི་ཅིག་ལུ་ཤི་རྐྱེན་བྱུང་པ་ཅིན་ འཐུས་མིདེ་ལུ་ དངུལ་ཀྲམ་ ༣༠,༠༠༠ ༼སུམ་ཁྲི་ཐམ་པ།༽སྟབས་ཅིག་ལུ་སྤྲོད་དགོ།།
༢. དབྱེ་ཁག་ ཁ་ པ། འཐུས་མིའི་གཉེན་གྲོགས་ཤི་རྐྱེན་འབྱུང་པའི་སྐབས།
གལ་སྲིད་འཐུས་མི་ཅིག་གི་གཉེན་གྲོགས་ཤི་རྐྱེན་འབྱུང་པ་ཅིན འཐུས་མི་དེ་ལུ་ དངུལ་ཀྲམ་ ༢༠,༠༠༠ ༼ཉིས་ཁྲི་ཐམ་པ།༽ སྟབས་ཅིག་ལུ་སྤྲོད་དགོ།
༣. དབྱེ་ཁག་ ག་པ། སྐྱེས་ལོ་གཅིག་ཡན་ཆད་ལངས་པའི་འཐུས་མི་གི་ཨ་ལུ་ཤི་རྐྱེན་བྱུང་པའི་སྐབས།
གལ་སྲིད་འཐུས་མི་ཅིག་གི་ཨ་ལུ་སྐྱེས་ལོ་གཅིག་ཡན་ཆད་ལང་མི་ཅིག་ལུ་ཤི་རྐྱེན་བྱུང་པ་ཅིན་ འཐུས་མི་དེ་ལུ་ དངུལ་ཀྲམ་༢༠,༠༠༠ ༼ཉིས་ཁྲི་ཐམ་པ།༽ སྟབས་ཅིག་ལུ་སྤྲོད་དགོ།
༤. དབྱེ་ཁག་ ང་པ། འཐུས་མིའི་ཕམ་ཤི་རྐྱེན་འབྱུང་བའི་སྐབས།
གལ་སྲིད་འཐུས་མི་ཅིག་གི་ཕམ་ཤི་རྐྱེན་བྱུང་པ་ཅིན་ འཐུས་མི་དེ་ལུ་དངུལ་ཀྲམ་༡༥,༠༠༠ ༼གཅིག་ཁྲི་ལྔ་སྟོང་ཐམ་པ།༽ སྟབས་ཅིག་ལུ་སྤྲོད་དགོ།
༥. དབྱེ་ཁག་༡ པ། འཐུས་མི་ཅིག་གི་གཉེན་གྲོགས་དེ་ འཆར་གཞི་འདི་གི་འཐུས་མི་ཨིན་རུང་མེན་རུང་ འཐུས་མིའི་གཉེན་གྲོགས་ཀྱི་ཕམ་ལུ་ཤི་རྐྱེན་འབྱུང་བའི་སྐབས།
འཐུས་མི་ཅིག་གི་གཉེན་གྲོགས་དེ་ འཆར་གཞི་འདི་གི་འཐུས་མི་ཨིན་རུང་མེན་རུང་ འཐུས་མིའི་གཉེན་གྲོགས་ཀྱི་ཕམ་ལུ་ཤི་རྐྱེན་བྱུང་པ་ཅིན་ དེ་ལུ་དངུལ་ཀྲམ་༡༠,༠༠༠ ༼ཅིག་ཁྲི་ཐམ་པ།༽སྟབས་ཅིག་ལུ་སྤྲོད་དགོ།
བཏོག་ནི།
རྩིས་ཁྲ་འགོ་དཔོན་གྱི་དབང་ཚད་མངའ་འོག་ལུ་དངུལ་སྤྲོད་འགོ་དཔོན་སྦེ་ རང་སོའི་རྩིས་འཛིན་པ་གིས་ དངུལ་སྡོམས་ངེས་ཏིག་ཉམས་རྒུད་པ་འཐུས་མི་ལུ་སྤྲོད་དགོ་མི་དེ་བཏོག་ནི། ཟླ་རིམ་གྱི་དངུལ་ཕོག་ནང་ལས་བཏོག་མི་འདི་ འཐུས་མི་ག་ར་ལུ་ཁྱབ་སྒྲགས་འབད་དགོ།
དོན་ཚན་༥ པ། འགོ་འདྲེན།
རང་སོའི་ལས་སྡེའི་འགོ་འཛིན་ ཡང་ན་ངོ་ཚབ་ག་འབད་རུང་ཅིག་གིས་འགོའདྲེན་འཐབ་ཐོག་ ཉམས་རྒུད་པ་འཐུས་མི་ལུ་དུས་ཚོད་ཁར་སྤྲོད་དགོ། ལས་སྡེའི་འགོ་འཛིན་ཚུ་གིས་ ཐོབ་ཐངས་བཀོད་མི་གི་ཐོ་བཞག་ནི་དོན་ལུ་མི་སྟོབས་འགོ་དཔོན་ལུ་ཕུལ་དགོ། མི་སྟོབས་འགོ་དཔོན་འདི་བཅའ་ཁྲིམས་འདི་གི་ཁྲིམས་མཐུན་བདག་འཛིན་པ་ཨིན།
དོན་ཚན་༦ པ། འཐུས་མི་གསརཔ་ལུ་གོམས་འདྲིས་ལས་རིམ།
འཐུས་མི་གསརཔ་ ཡིག་ཚང་ནང་འཛུལ་ཞུགས་འབད་ཞིནམ་ལས་ མི་སྟོབས་འགོ་དཔོན་དང་ལས་སྡེའི་འགོ་འཛིན་གྱིས་བཅའ་ཁྲིམས་འདི་གི་སྐོར་ལས་གོམས་འདྲིས་ལས་རིམ་ཅིག་འགོ་འདྲེན་འཐབ་དགོ།
དོན་ཚན ༧པ། ལེགས་བཅོས།
བཅའ་ཁྲིམས་འདིའི་ནང་ལུ་ གནད་དོན་གསརཔ་བཙུགས་ནི་དང། འགྱུར་བཅོས་འབད་ནི། ཆ་མེད་གཏང་ནི་ལ་སོགས་པའི་ ནང་དོན་ལེགས་བཅོས་འདི་ཡང་ རྫོང་བདག་དང་ཚོགས་ཆུང་གིས་གྲོས་ཐག་གཅད་མི་དང་འཁྲིལ་ཏེ་འབད་དགོ།