རྩི་རང་རྫོང་ཁག་འདི་ ཡོངས་གྲགས་ལུ་སའི་དབྱིབས་སྤ་ཏ་སྤོ་ཏོ་དང་ཚ་དྲོད་རན་ཏོག་ཏོ་ཡོདཔ་ཨིན། དེ་མ་ཚད་སྐྱེད་ལྡན་རིགས་སྣ་གིས་ཕྱུག་པའི་རྫོངཁག་ཅིག་ཡང་ཨིན། ཨིན་རུང་ ཉེན་སྐྱོབ་ཀྱི་ས་ཁོངས་མེད་པའི་པའི་རྫོང་ཁག་དག་པ་གཅིག་གི་གྲས་ལས་གཅིག་ཨིན། འབྲུག་རྒྱལ་ཁབ་ཀྱི་གཙང་ཆུ་རི་ཤོས་ཅིག་ཨིན་མི་ སྤུ་ན་གཙང་ཆུ། ཡང་ན། སུན་ཀོཤ་ཆུ་ཡང་ རྫོང་ཁག་འདིའི་ནང་ལས་མར་འབབ་འགྱོཝ་ཨིན། ལྷོ་མཚམས་པ་མང་སུ་ཅིག་སྡོད་སའི་རྫོང་ཁག་ཅིག་ཨིན།
འཆར་སྣང་།
ཤུགས་ཚད་དང་ལྡན་པའི་དཔལ་འབྱོར། ལམ་སྲོལ་གྱི་ཕྱུགཔ། ཉམས་མེད་རང་བཞིན་གནས་སྟངས་དང་མཐུན་པའི་རྫོང་ཁག་ཅིག་ཨིན།
དམིགས་སྐྱེད།
༡. སྤུད་ཚད་ལྡན་པའི་གཞི་རྟེན་མཁོ་ཆེ་གོང་འཕེལ་གྱི་ཐོག་ ཡུན་བརྟན་མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི།
༢. འཇོན་ཐང་ཅན་དང་དོན་སྨིན་ཅན་གྱི་མི་དམངས་ཞབས་ཏོག་ཕུལ་ནི།
༣. ལམ་སྲོལ་དང་སྔར་སྲོལ་ཚུ་ཉམས་སྲུང་དང་གོང་འཕེལ་གཏང་ནི།
དམིགས་ཡུལ།
༡. གྲོང་གསེབ་བཟའ་ཚང་གི་འོང་འབབ་དང་བཟའ་འཐུང་གི་སྲུང་སྐྱོབ་ཡར་དྲག་གཏང་ནི།
༢. ཤེས་ཡོན་གོ་སྐབས། སྤུས་ཚད། འབྲི་ལྷག་ཤེས་ཡོན་ཚུ་ཡར་དྲག་གཏང་ནི།
༣. མི་སྡེའི་གསོ་བ་དང་འཕྲོད་བསྟེན་ཡར་འཕར་གཏང་ནི།
༤. གྲམ་ཕུག་ཁྲོམ་གྱི་ཁྲོམ་ཚོགས་གཞི་རྟེན་ཡར་རྒྱས་གཏང་ནི།
༥. ཆོས། ལམ་སྲོལ། སྔར་སྲོལ་ཚུ་མི་ཉམས་རྒྱུན་སྐྱོང་དང་གོང་འཕེལ་གཏང་ནི།
༦. འཇོན་ཐང་ཅན་དང་ དོན་སྨིན་ཅན་གྱི་ མི་སྡེ་ཞབས་ཏོག་ཡར་དྲག་གཏང་ནི།
༧. ས་གནས་ཀྱི་དཔལ་འབྱོར་རྩ་བརྟན་དང་ཡར་དྲག་གཏང་ནི།
༨. རྫོང་ཁག་གི་གནས་ཚད་ནང་ དུས་ཐོག་ལུ་འབྲེལ་བ་ཡོདཔ་དང་ བློ་གཏད་ཚུགས་པའི་གནས་སྡུད་དང་གནས་ཚུལ་ཚུ་ཡོདཔ་ངེས་བརྟན་བཟོ་ནི།
༩. ངན་ལྷད་སྔོན་འགོག་འབད་ནི།
རྩི་རང་གི་རྩི་མཐོང་གི་གཙོ་དོན་ཚུ།
T=Team work: སྡེ་གཡོག
S=Selfless: རང་དོན་རྒྱབ་བསྐྱུར།
I=Integrity: དྲང་བདེན།
R=Resourcefulness: ཐབས་ཤེས་ཅན།
A=Astuteness: བློ་རིག་ཅན།
N=Neatness:་ གཙང་སྦྲ།
G=Growth ཡར་རྒྱས།