ནང་པའི་ལྷ་ཁང་དང་ཧིན་དྷུ་ལྷ་ཁང་།

ནང་པའི་ལྷ་ཁང་དང་ཧིན་དྷུ་ལྷ་ཁང་།

ནང་པའི་ལྷ་ཁང་དང་ཧིན་དྷུ་ལྷ་ཁང་།

རྩི་རང་རྫོང་ཁག་ནང་ལུ་ ཧིན་དྷུ་དང་ནང་པའི་ཆོས་ཟུང་འབྲེལ་གནས་ཏེ་ཡོདཔ་ལས་ གྲྭམ་ཕུག་ཁྲོམ་གྱི་སྦུག་ནང་ར་ནང་པའི་ལྷ་ཁང་དང་་ཧིན་དྷུ་ལྷ་ཁང་ཡོདཔ་ཨིན། ལྷ་ཁང་དེ་གི་བཟོ་བཀོད་གཅིག་དང་འཛུལ་སྒོ་གཉིས་སྦེ་ཡོད། དེ་ཡང་ ནང་པའི་ལྷ་ཁང་གཡས་ཁ་ཐུག་དང་ ཧིན་དྷུའི་ལྷ་ཁང་གཡོན་ཁ་ཐུག་ལུ་ཡོད། ཧིན་དྷུའི་ལྷ་ཁང་དེ་ ཧིན་དྷུ་དྷརྨ་གཞི་ཚོགས་དང་ ནང་པའི་ལྷ་ཁང་དེ་རྩི་རང་གྲྭ་ཚང་གིས་བདག་འཛིན་འབདཝ་ཨིན། དེའི་ཉེ་འདབས་ལུ་གུ་རུའི་སྐུ་འདྲ་སྦོམ་ཅིག་བཞེངས་ཏེ་ཡོདཔ་ཨིན།

hindu