རྣམ་རྒྱལ་ཆོས་གླིང་གྲྭ་ཚང་།

རྣམ་རྒྱལ་ཆོས་གླིང་གྲྭ་ཚང་།

རྣམ་རྒྱལ་ཆོས་གླིང་གྲྭ་ཚང་།

མ་གཞི་ རྩི་རང་ལུ་གཟི་བརྗིད་ཆེ་བའི་རྫོང་ཡོད་དེ་རང་འབད་རུང་ རྩི་རང་རྣམ་རྒྱལ་ཆོས་གླིང་གྲྭ་ཚང་འདི་ གསོལ་མཆོད་དང་རྩི་རང་ལོ་བསྟར་ཚེས་ཅུ་འགོ་འདྲེན་འཐབ་སའི་ས་གོ་ཨིན། ལོ་བསྟར་ཚེས་ཅུ་འདི་ རྩི་རང་ཁྲོམ་ ལྷོ་ཁ་ཐུག་གི་དུས་སྟོན་སྦོམ་ཅིག་ཨིན། དུས་སྟོན་དེ་གིས་ ལུང་ཕྱོགས་ཀྱི༌མི་ཚུ་བཀུགཔ་ཨིན། དེ་ཁར་འཆམ་མ་འདྲཝ་ཚུ་མཇལ་ཁ་གནངམ་ཨིན།  གཡུས་ཁའི་སྔར་སྲོལ་འཆམ་དང་གླུ་གཞས་ དེ་ལས་སྙན་ཆ་ཚུ་གིས་ཧེང་སྐལ་རང་དུས་སྟོན་ལུ་ཚོར་ཉམས་བྱིནམ་ཨིན། གུ་རུའི་མཐོང་གྲོལ་ ༼ཐང་ཀ་སྦོམ༽འདི་ ཉིནམ་མཇུག་ལུ་མཇལ་ཁ་གནངམ་ཨིན། རྩི་རང་ཚེས་བཅུ་འདི་ཟླཝ་གསུམ་པའི་ཟླ་མཇུག་ལུ་ཕོགཔ་ཨིན།